登 录    |    注 册    |   
无障碍     |   
当前位置: 首页 / 政务公开 / 基础信息公开 / 通告公示

ཆུ་ཤུར་རྫོང་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་དོགས་ཟོན་ཤེས་བྱ་།曲水县非法集资防范知识

曲水县政府网站 2020-02-22 10:38 来源:曲水县 访问量: 【字体: 【打印文本】
分享到:

དང་པོ་ ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་གོ་དོན།

一、非法集资概念

ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པ་ཞེས་པ་ནི་སྡེ་ཚན་ནམ་མི་སྒེར་གྱིས་ཁྲིམས་བཀོད་གོ་རིམ་ལྟར་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་མ་བརྒྱུད་པར་མ་རྐང་འཛིན་ཤོག་དང་།བུན་འཛིན།རྒྱན་དངུལ།  མ་དངུལ་འཇོག་པའི་ཐེབས་རྩའི་དངུལ་འཛིན་མ་ཡང་ན་བུན་དབང་གི་འཛིན་ཤོག་གཞན་དག་འགྲེམ་སྤེལ་བྱེད་སྟངས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ནས་མ་དངུལ་གྲབས་གསོག་བྱེད་པ་མ་ཟད།  དུས་བཀག་ངེས་ཅན་ཞིག་གི་ནང་དངུལ་ལོར་དང་།དངོས་ཟོགདེ་བཞིན་ཁེ་ཕན་གཞན་དག་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་མ་དངུལ་འཇོག་མཁན་གྱི་ངོ་སྐྱེད་འཇལ་སྤྲོད་བྱ་རྒྱུའི་ཁས་ལེན་བྱེད་པའི་བྱ་སྤྱོད་ལ་ཟེར།

非法集资是指单位或者个人未依照法定的程序经有关部门批准,以发行股票、债券、彩票、投资基金证券或其他债权凭证的方式向社会公众筹集资金,并承诺在一定期限内以货币、实物及其他利益等方式向出资人还本付息给予回报的行为。

གཉིས་པ་  ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་གཞི་རྩའི་ཁྱད་ཆོས།

二、非法集资的基本特征

. འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཆོག་མཆན་མ་བཀོད་པའམ་ཡང་ན་ཁྲིམས་མཐུན་གཉེར་སྐྱོང་གི་རྣམ་པ་སྤྱད་དེ་མ་དངུལ་བསྡུ་ལེན་བྱེད་པ།

1.未经有关部门依法批准或者借用合法经营的形式吸收资金;

༢ . སྨྱན་སྦྱོར་དང་། འོས་སྦྱོར་ཚོགས་འདུ། བསྒྲགས་ཡིག  ལག་འཁྱེར་ཁ་པར་གྱི་འཕྲིན་ཐུང་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སྤྱི་ཚོགས་ལ་ཡོངས་བསྒྲགས་དྲིལ་བསྒྲགས་བྱེད་པ།

2.通过媒体、推介会、传单、手机短信等途径向社会公开宣传;

. དུས་བཀག་ངེས་ཅན་ཞིག་གི་ནང་དངུལ་ལོར་དང་། དངོས་རྫས། མ་རྐང་འཛིན་དབང་སོགས་ཀྱི་བྱ་ཐབས་སྤྱད་ནས་མ་སྐྱེད་འཇལ་སྤྲོད་དམ་ཡང་ན་ཐོབ་ཆ་འཇལ་སྤྲོད་བྱ་རྒྱུ་ཁས་ལེན་བྱེད་པ།

3.承诺在一定期限内以货币、实物、股权等方式还本付息或者给付回报;

. མང་ཚོགས་མ་སྤྱི་ཚོགས་ཐོག་དམིགས་འཛུགས་བྱས་མེད་པའི་མི་སྣ་ཁག་ནས་མ་དངུལ་བསྡུ་ལེན་བྱེད་པ།

4.向社会公众即社会不特定对象吸收资金。

གསུམ་པ་  ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་གཞི་རྩའི་ཁྱད་ཆོས།

、非法集资的主要手段

༡. ཁྲིམས་འགལ་བས་དེ་བས་མང་བའི་མང་ཚོགས་ཡིད་དབང་འགུག་ཆེད།མ་འཇོག་མཁན་གྱིས་བྱ་དགའ་སྤྲོད་པ་དང་སྐར་མ་བསགས་ནས་སྐྱེད་ཀ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་འཆར་ཅན་མིན་པའི་ཐོབ་ཆ་མཐོ་པོ་སྤྲོད་རྒྱུའི་ཁས་ལེན་བྱས་ནསགནམ་ནས་ཤ་བག་ལེབ་ལྷུང་བདངམཚན་མོ་གཅིག་ལ་ཕྱུག་པོ་ཆགས་པའིལྷ་སྒྲུང་བཟོ་བ

1.不法分子为吸引更多的群众,往往许诺投资者以奖励、积分返利等形式给予超常高额回报编造“天上掉馅饼”、“一夜成富翁”的神话

༢ . ཁྲིམས་འགལ་བས་ཁེ་ལས་དང་མ་འཇོག་རྣམ་གྲངས་གཉེར་ནས་དུས་ཡུན་རིང་པོའི་ནང་མ་རྩ་བརྡིབས་པའི་གཉེར་སྐྱོང་ངམ་ཡང་ན་གནས་ལུགས་དང་མི་མཐུན་པའི་ཁེ་སྤོགས་བྱེད་སྟངས་གཉེར་སྐྱོང་བྱ་ཐབས་སུ་བྱས་ཏེ་ རྣམ་གྲངས་རྫུན་མ་བཟོ་བའམ་ཡང་ན་དོང་རྙིའི་གན་རྒྱ་བཞག་ནས་ མིང་སྣ་ཚོགས་ཀྱི་ཐོག་ནས་མ་དངུལ་བསྡུ་རུབ་བྱས་ནས་གོམ་པ་རེ་རེ་བཞིན་མང་ཚོགས་འདམ་རྫབ་ནང་ལ་མགོ་སྐོར་གཏོང་བའི་བྱ་ཐབས་སྤྱོད་པ

2.不法分子开办企业、投资项目,以长期亏本经营或不合常理的盈利模式为运营手段,编造虚假项目或订立陷阱合同,一步步将群众骗入泥潭。

༣ . ཁྲིམས་འགལ་བས་གློག་རྡུལ་གསེར་དངུལ་དང་། མ་འཇོག་ཐེབས་རྩ། དྲ་སྦྲེལ་གྱི་ཕྱི་དངུལ་སོགས་ཐ་སྙད་གསར་པ་བེད་སྤྱད་ནས་མ་དངུལ་གཏོང་རིགས་ཀྱི་རྒྱུ་ནོར་བདག་གཉེར་གྱི་དོན་སྤྱི་མཉམ་བསྲེས་བྱས་ཏེ་མང་ཚོགས་ཀྱི་མིག་ལམ་དུ་ཁྲ་ཆིལ་བའི་མིང་ཚིག་གསར་པའི་མདུན་དུ་བརྡར་ཤ་གཅོད་མི་ཐུབ་པ་བཟོ་གི་ཡོད།

3.不法分子利用电子黄金、投资基金、网络炒汇等新名词迷惑群众,混淆投资理财概念,让群众在眼花缭乱的新名词前失去判断。

༤ . ཁྲིམས་འགལ་བས་ཀུང་སི་བཙུགས་ནས་འཐུས་སྒོ་ཚང་བའི་བཟོ་ཚོང་ལག་ཁྱེར་དང་ཁྲལ་དོན་ཐོ་འགོད་སོགས་ཀྱི་འགྲོ་ལུགས་གཉེར་ནས་གཉེར་སྐྱོང་གི་བྱེད་སྒོ་དངོས་ལ་བརྟེན་ནས་དེའི་ཁྲིམས་འགལ་གྱི་དམིགས་ཡུལ་གཡོ་འགེབས་བྱས་ཏེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱེད་

4.不法分子往往成立公司,办理完备的工商执照、税务登记等手续,以实际经营活动掩盖其非法目的,用合法的外衣或名人效应骗取群众信任。

༥ . ཁྲིམས་འགལ་བས་ཕྱི་རྒྱལ་ལམ་ཡང་ན་ས་ཆ་གཞན་དུ་ཞབས་ཞུའི་ཡོ་ཆས་གཡར་ནས་དྲ་ཚིགས་བཙུགས་པ་དང་། སྤྱིར་ན་ཚབ་ཨང་མ་ཡང་ན་དྲ་མིང་གི་ཐོག་ནས་དྲ་ཞུགས་བྱེད་ཀྱི་ཡོད། དྲ་ཚིགས་དང་། དཔོད་ཁུགགླེང་སྟེགས་སོགས་དྲ་རྒྱའི་ལས་སྟེགས་དང་QQདང་སྐད་འཕྲིན་སོགས་བརྒྱུད་ནས་ཆ་འཕྲིན་རྫུ་མ་བརྒྱུད་བསྒྲགས་བྱས་ཏེ་མང་ཚོགས་མགོ་སྐོར་བསླུ་བྲིད་འོག་ཚུད་ཐབས་བྱེད་པ

5.不法分子在境外或异地租用服务器、设立网站,一般用代号或网名发展人头、下线,通过网站、博客、论坛等网络平台和QQ、微信等即时通讯工具,传播虚假信息,诱骗群众上当。

༦ . ཁྲིམས་འགལ་བས་གཉེན་ཉེ་དང་། གྲོགས་པོ། ཕ་ཡུལ་གཅིག་པ་སོགས་ཀྱི་འབྲེལ་བ་བེད་སྤྱད་དེ་སྐྱེད་ཀ་མཐོ་པོས་སླུ་བྲིད་བྱས་ནས་ཁྲིམས་འགལ་གྱིས་མ་དངུལ་རག་ཐབས་བྱེད་ཀྱི་ཡོད།

6.犯罪分子利用亲戚、朋友、同乡等关系,以高回报劝说,利用精神、人身强制或亲情诱骗,不断扩大受害群体。

བཞི་པ་  ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་འཕྲད་ཚེལྟ་དགོས་པ་གསུམ་དང་བསམ་བློ་གཏོང་དགོས་པ་གསུམ། བྱེད་མི་དགོས་པ་གསུམ་གྱི་དོགས་ཟོན་བྱ་ཐབས་།

、辨识非法集资“三看三思三不要”

. ལྟ་དགོས་པ་གསུམ།

1.三看

གཅིག་ནས་བཟོ་ཚོང་ལས་གཉེར་གྱི་ལག་ཁྱེར་ཐོབ་མིན་ལ་བལྟ་དགོས།

一看是否取得工商营业执照

གཉིས་ནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཚན་ཁག་གི་ཆོག་མཆན་ཡིག་ཆ་ཐོབ་ཡོད་མེད་དང་། རྒྱུ་ནོར་དོ་དམ་གྱི་ཐོན་རྫས་དེ་ ཆོག་མཆན་སྤྲད་པའི་གཉེར་སྐྱོང་ཁྱབ་ཁོངས་ནང་ཡོད་མེད།   བཟོ་ཚོང་ལས་གཉེར་ལག་ཁྱེར་ཡོད་ནའང་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ཆོག་མཆན་ཡི་གེ་མེད་ཚེ་རྒྱུ་ནོར་དོ་དམ་གྱི་ཐོན་རྫས་བྲིན་ཚོང་བྱེད་མི་ཆོག

二看是否取得金融监管部门(一行三会、政府金融办)的批准文书,理财产品是否在其批准的经营范围内,只有工商营业执照,没有金融监管部门批文,是不能销售理财产品的;

གསུམ་ནས་མ་དངུལ་གཏོང་སའི་ཁྱབ་ཁོངས་བདེ་འཇགས་དང་བློས་འགེལ་ཆོག་མིན་ལ་བལྟ་དགོས།

三看资金投向领域是否安全可靠。

. བསམ་བློ་གཏོང་དགོས་པ་གསུམ།

2.三思

གཅིག་ནས་ཐོན་རྫས་དེ་དང་ཚོང་རའི་གནས་ཚུལ་ངོ་མ་ཤེས་མིན་བསམ་བློ་ཞིག་གཏོང་དགོས།

一思是否真正了解该产品及市场行情;

གཉིས་ནས་རྒྱུ་ནོར་བདག་གཉེར་བྱེད་པའི་ཐོན་རྫས་དེ་ཚོང་རའི་བདག་གཉེར་གྱི་ཆོས་ཉིད་དང་མཐུན་མིན།

二思理财产品是否符合市场经营规律;

གསུམ་ནས་རང་ཉིད་ཀྱི་དཔལ་འབྱོར་སྟོབས་ཤུགས་ལ་ཉེན་ཁ་འགོག་པའི་ནུས་པ་ཡོད་མེད་ལ་བསམ་བློ་གཏོང་དགོས།

三思自身经济实力是否具备抗风险能力。

. བྱེད་མི་དགོས་པ་གསུམ།

三不要

གཅིག་ནས་རྨོངས་ཚོད་ཀྱིས་རང་ངོམ་དྲིལ་བསྒྲགས་བྱེད་རྒྱུར་ཡིད་ཆེས་བྱེད་མི་རུང་། དེ་ནི་ཁོ་ཚོའིལུག་མགོ་འགེལ་ནས་ཁྱི་ཤ་འཚོང་བའི་བྱ་ཐབས་ཡིན་སྲིད།    

一不要盲目相信造势宣传,因为他们往往拉大旗作虎皮;

གཉིས་ནས་རྨོངས་ཚོད་ཀྱིས་ངོ་ཤེས་བརྒྱུད་དེ་ངོ་སྤྲོད་ལེན་པའམཡང་ན་ཆེད་ལས་མཁས་པས་འོས་སྦྱོར་བྱས་པར་ཡིད་ཆེས་བྱེད་མི་རུང་།  རྒྱུ་མཚན་ནི་ཁོ་ཚོ་ཡང་མགོ་སྐོར་ཐེབས་སྲིད་པས་རེད།

二不要盲目相信熟人介绍、专家推荐,因为他们也可能被骗了;

གསུམ་ནས་སྐྱེད་ཆེའི་སླུ་བྲིད་དུ་ཚུད་དེ་རྨོངས་ཚོད་ཀྱིས་མ་དངུལ་གང་བྱུང་འཇོག་མི་རུང་། རྒྱུ་མཚན་ནི་སྐྱེད་ཀ་མཐོ་བའི་དངུལ་ཚང་མ་རང་ཉིད་ཀྱི་མ་དངུལ་ཡིན་པས་སོ།

三不要被高利诱惑盲目投资,因为高利息的钱都是自己的本金。

责任编辑:曲水县

扫一扫在手机打开当前页